Talk:Main Page/bo

    From The Document Foundation Wiki

    རེ་སྐུལ་ཞུ་རྒྱུར།

    ༄༅། །བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་ཤ་ཞེན་ཆེ་བའི་རྒྱ་ཆེའི་བོད་རིགས་རྣམ་པ། འདི་ན་ང་ཚོས་རིན་མེད་ཡིག་ཚང་མཉེན་ཆས་དང་འབྲེལ་བའི་ཡིག་ཆ་ཇི་སྙེད་ཅིག་བོད་སྐད་ཐོག་སྒྱུར་མུས་ཡིན་པས། གལ་སྲིད་སྐུ་ཉིད་ལ། འཕྲུལ་རིག་བརྡ་ཆད་ཀྱི་མཁྱེན་རྒྱ་དང་ཉམས་མྱོང་ཡོད་ཚེ། འདིར་དང་བླངས་ཀྱིས་མཉམ་ཞུགས་གནོངས་དང་། ང་ཚོས་མཉམ་འབྲེལ་ཐོག་རིན་མེད་ཡིག་ཚང་མཉེན་ཆས་ཀྱི་མ་ལག་དང་། བཀོལ་སྤྱོད་ལམ་སྟོན་གྱི་དཔེ་དེབ་ཆ་ཚང་བ་བོད་སྐད་ཐོག་ཏུ་གཏན་འབེབས་བྱས་ཏེ་བོད་རིགས་མང་ཚོགས་ལ་ཕན་ངེས་ཀྱི་སྲི་ཞུ་རྣམ་དག་ཅིག་སྒྲུབ་ཐུབ། བརྡ་ཕྲིན་གྱི་དུས་རབས་འདིའི་ནང་། དུས་མཐུན་གྱི་ལས་འགུལ་འདི་རིགས་ལ་མཉམ་ཞུགས་གནང་སྟེ་རང་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་གོང་འཕེལ་གཏོང་ཐབས་ལ་འབད་དགོས་པ་ནི་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོར་ངེས། ཐུགས་རྗེ་ཆེ།