Jump to content

ཡིག་ཚགས།

From The Document Foundation Wiki
This page is a translated version of the page Documentation and the translation is 96% complete.

རིན་མེད་ཡིག་ཚང་མཉེན་ཆས་ཀྱི་ཡིག་ཆའི་རུ་ཁག་ནས་ཨིན་ཡིག་ཐོག་གི་ལམ་སྟོན་ཡིག་ཆའི་རྩོམ་སྒྲིག་དང་རྒྱ་སྐྱེད་ལ་འགན་འཁུར་ཞུ་ཡི་ཡོད། མདུན་ངོས་འདི་ནི་ཡིག་ཚང་མཉེན་ཆས་བཀོལ་སྤྱོད་ལམ་སྟོན་གྱི་ཡིག་ཆ་རྣམ་པ་སྣ་ཚོགས་དང་དེ་འབྲེལ་རྒྱ་སྐྱེད་ཀྱི་ལས་ཕྱོགས་གཉིས་ཀ་ལ་འཛུལ་ཞུགས་གནང་སའི་འཇུག་སྒོ་ཞིག་ཡིན།

To join the team and help out, start here.

ཡིག་ཆ་ལྟ་ཀློག་དང་ཕབ་ལེན་གནོངས།

གཞུང་འབྲེལ་དཔེ་དེབ།

གཞུང་གིས་པར་འགྲེམ་ཞུས་པའི་ལམ་སྟོན་ཡིག་ཆ་དང་། འབྲེལ་ཡོད་དེབ་རིགས་རྣམས་འདིར་ཉར་འཇོག་བྱས་ཡོད།

གལ་སྲིད་ཁྱེད་ལ་ཆ་རྐྱེན་རྣམས་མི་རྙེད་ན། ཝི་ཀི་ཡིག་མཛོད་ནང་གཟིགས།

རོགས་སྐྱོར་ཤོག་ངོས།

(ལྷན་བསྒྲིགས་རོགས་སྐྱོར་གྱི་ཡིག་ཆ་དང་འདྲ། གལ་སྲིད་ནང་འཇུག་བྱས་ཡོད་ན།)

ཝི་ཀིའི་ནང་།

འདིར་མཐུད་སྦྲེལ་མ་བྱས་པའི་ཤོག་ངོས་ཁག་འཚོལ་ཞིབ་ཆེད་ Category:Documentation ལ་གཟིགས།

ལམ་སྟོན་དཔེ་དེབ་བཟོ་བར་རོགས་སྐྱོར་གནོངས།

རོགས་སྐྱོར་བའི་ལམ་སྟོན་ཡིག་ཆ།

རོགས་སྐྱོར་བའི་ལམ་སྟོན་ཡི་གེ་ནི། རིན་མེད་ཡིག་ཚང་མཉེན་ཆས་བེད་སྤྱོད་གཏོང་སྟངས་ཀྱི་ལམ་སྟོན་ཡིག་ཆའི་རྩོམ་སྒྲིག་དང་ཁ་གསབ་བྱེད་ཕྱོགས་ཀྱི་རྒྱབ་རྟེན་ཞིག་རེད།

ལམ་སྟོན་དཔེ་དེབ་ནང་གཤམ་གསལ་གྱི་ལེའུ་ཚན་ཁག་ཚུད་ཡོད།

  1. འགོ་བརྗོད།
  2. ཡིག་ཆ་རྩོམ་སྒྲིག་གི་སྡེ་ཚན་ནང་དུ་མཉམ་ཞུགས་བྱེད་པ།
  3. རིན་མེད་ཡིག་ཚང་མཉེན་ཆས་བེད་སྤྱོད་གཏོང་སྟངས་ཀྱི་ལམ་སྟོན་ཡིག་ཆ་བཟོ་བ།
  4. རིན་མེད་ཡིག་ཚང་མཉེན་ཆས་ཀྱི་ཡིག་ཆའི་སྡེ་ཚན་གྱི་དྲྭ་རྒྱ་བེད་སྤྱོད་གནང་སྟངས།
  5. མཉེན་ཆས་བེད་སྤྱོད་ཀྱི་ལམ་སྟོན་དཔེ་དེབ་འབྲི་མཁན་གྱི་ཆེད་དཔེ་དེབ་བཟོ་རྣམ་གྱི་ལམ་སྟོན་ཡིག་ཆ། (བརྡ་ཆད་ལྷན།)
  6. ལེའུའི་དཔེ་སྒྲོམ་གྱི་བེད་སྤྱོད། (དུམ་ཚན་ཐོ་གཞུང་དང་། ཡི་གེའི་བཟོ་རྣམ་དང་། ཡིག་རྟགས་ཀྱི་དཔེ་དབྱིབས་རེའུ་མིག་དང་། དེ་དག་ནམ་ཞིག་ལ་བེད་སྤྱོད་བྱེད་དགོས་པ་དང་། ཆ་འཕྲིན་གཞན་བཅས་ཚུད་ཡོད།)

གནས་ཚུལ་གཞན།

LibreOffice Guides Translation

རིན་མེད་ཡིག་ཚང་མཉེན་ཆས་ཀྱི་ལམ་སྟོན་ཤོག་ལྷེར་རོགས་སྐྱོར་གནོངས།

རོགས་རམ་དཀར་ཆག

རིན་མེད་ཡིག་ཚང་མཉེན་ཆས་ཀྱི་སྐོར་ལ། ཤེས་རྟོགས་དང་། གསར་རྩོམ་དང་། རྩོམ་སྒྲིག་གི་རོགས་སྐྱོར། (དཔེ་དེབ།)

ཐོན་ཁུངས་འདི་ཐོག་མར་ OpenOffice.org ཆེད་དུ་བྲིས་པ་ཡིན་པས། དེའི་ནང་དོན་མང་པོ་ཞིག་རྙིང་པ་ཆགས་ཡོད། གང་ལྟར་ཡང་། རོགས་རམ་ཡིག་ཆ་ XML གཞི་གྲངས་ལྟ་བུའི་སྡེ་ཚན་དེ་དག་ནི་ད་དུང་ཡང་འབྲེལ་བ་ཡོད་པ་དང་དུས་མཐུན་བཟོ་མུས་ཡིན།